༄༅།།བོད་མིའི་རྒྱན་གོས།
ཁྲི་ཤོར་རྒྱལ་མོའི་འགྲམ་ངོགས་དང་གསེར་ཆེན་རི་བོའི་འདབས་རོལ་དུ་གནའ་བོའི་སོར་རྩེ་ལས་འཁྲུངས་པའི་དུས་རབས་ཀྱི་འཕྱོར་གོས་ཞེས་པའི་བོད་ཀྱི་རྒྱན་གོས་རིག་གནས་སྒྱུ་རྩལ་དུས་ཆེན།

བོད་ཀྱི་རྒྱན་གོས་རྒྱན་ཆ་འགྲེམས་སྟོན་དང་། བོད་ཀྱི་དེང་རབས་རྒྱན་གོས་འཁྲབ་སྟོན། ཆེད་ལས་རིག་རྩལ་འཁྲབ་སྟོན་སོགས་མི་རིགས་བར་གྱི་རིག་གནས་
ཕན་ཚུན་འབྲེལ་འདྲེས་ཀྱི་སྟེགས་བུ་ཞིག་བསྐྲུན་པར་མ་ཟད།ས་གནས་ཀྱི་དཔལ་འབྱོར་སྤུས་ཚད་གོང་དུ་འཕེལ་བརགྲོགས་སུ་འགྲོ་བར་བྱས།

འདས་པའི་ལོ་ཟླ་ཁུངས་སྣེར་དྲངས་ནས་གླེང་གཞིར་བྱས་ཏེ། སྔོན་འགྲོ་ནས་བརྩམས་ཏེ་མཇུག་བསྒྲིལ་བའི་བརའཁྱབ་སྟོན་འགྲན་ཞུགས་ཀྱི་བྱ་འགུལ་སྤེལ།

ཐོ་སྒང་དུ་འཚོ་བསྡོད་བྱས་པའི་བོད་རིགས་མི་དམངས་ཀྱི་ཁོར་ཡུག་དང་འཚོ་བ། དེ་མིན་རྒྱན་ཆའི་ལག་རྩལ་རྒྱུན་འཛིན་དང་དར་སྤེལ། མི་རིགས་བར་གྱི་རིག་གནས་འབྲེལ་འདྲིས། མེས་རྒྱལ་ལ་དགའ་ཞེན་ཡོད་པ་བཅས་ལ་བརྟེན་ནས། བོད་ཀྱི་རྒྱན་གོས་རིག་གནས་ཀྱི་མཛེས་ཉམས་དང་ཕུན་སུམ་ཚོགས་པའི་ནང་དོན་མངོན་པར་བྱས་པས། ལོ་རྒྱུས་ཀྱི་གཏིང་ཟབ་པའི་དོན་སྙིང་ལྡན་ལ། གནའ་བོའི་དབྱངས་རྟ་རྒྱུན་འཛིན་དང་། ལྟད་མོ་བ་རྣམས་ལ་ངོ་མཚར་གྱི་གཏམ་རྒྱུད་དང་ཐག་ཉེ་བའི་སྒོ་ནས་རིག་གནས་ཀྱི་ཡིད་འགུག་ནུས་པ་ཚོར་དུ་བཅུག་ཡོད།

སྐབས་འདིའི་བྱ་འགུལ་ཁྲོད་ཡུན་ནན་དང་། སི་ཁྲོན། བོད་ལྗོངས་སོགས་ས་གནས་ཀྱི་ཚབ་བྱས་པའི་བོད་རིགས་ཀྱི་རྒྱན་གོས་རུ་ཁག་གདན་ཞུ་བྱས་ཏེ།ཕྱོགས་ཡོངས་ནས་བོད་ཀྱི་རྒྱན་གོས་རིག་གནས་ཀྱི་ཕུན་སུམ་ཚོགས་པའི་ཁྱད་ཆོས་དང་ཡུལ་སྲོལ་གོམས་གཤིས་མངོན་ཡོད་པ་མ་ཟད།ཁྱད་ཆོས་ལྡན་ལ་མང་ཚོགས་ཀྱིས་དགའ་བསུ་ཆེན་པོ་ཐོབ།

རྒྱན་གོས་འགྲེམ་སྟོན་ནི་རིག་གནས་ནང་སྙིང་ཡིན་པའི་བོད་ཀྱི་རྒྱན་གོས་རིག་གནས་ཀྱི་འདུ་ཚོགས་གཟབ་རྒྱས་ཤིག་ཡིན་ལ། ཀྲུང་ཧྭའི་ཤེས་རིག་ལ་གོང་བཀུར་བྱེད་པའི་དུས་རབས་ཤིག་ཀྱང་མཚོན་ཡོད། ས་གནས་ཀྱི་དཔལ་འབྱོར་སྤུས་ཚད་མཐོ་བའི་ངང་གོང་དུ་འཕེལ་བར་རོགས་རམ་བྱེད་པ་དང་མཉམ་དུ་རིག་རྩལ་ལུས་རྩལ་ཚོང་འགྲུལ་མཉམ་འདྲེས་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་བཏང་བ་རེད།

རང་ཁུལ་གྱིས་འཕེལ་རྒྱས་ཡོད་ཚད་ལ་སྲུང་སྐྱོབ་དང་ལྗང་མདོག་འཕེལ་རྒྱས་མངོན་འགྱུར་བྱེད་པར་དོན་སྙིང་གལ་ཆེན་ལྡན་ལ། མི་རིགས་མཐུན་སྒྲིལ་ཡར་ཐོན་དང་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པའི་ལག་ལེན་དངོས་ཀྱི་སྟེང་ནས་རིགས་སོ་སོའི་མི་དམངས་ཀྱིས་ཏང་གི་བཀའ་དྲིན་ཚོར་བ་དང་། ཏང་གི་རྗེས་སུ་འབྲང་བ། འཆམ་མཐུན་མཉམ་གནས་བཅས་བྱས་ཏེ། རབ་མཛེས་མཚོ་སྔོན་དང་གནས་མཆོག་མཚོ་ལྷོའི་སྙན་གྲགས་རྒྱས་པར་བྱས་ཡོད། །

