མཛོད་དགེ་རྫོང་གི་རྐང་རྩེད་སྤོ་ལོ་རུ་ཁག་རྔ་བ་ཁུལ་གྱི་གངས་དཀར་བུམ་པའི་རྐང་རྩེད་སྤོ་ལོའི་རྟིང་རྩོད་འགྲན་བསྡུར་ལ་ཞུགས།

来源:甘孜日报
发布时间:2025/07/30

རྔ་བ་ཁུལ་གྱི་སྐབས་25པའི“གངས་དཀར་བུམ་པའི”འགྲན་བསྡུར་དེ་སྤྱི་ཟླ་12པའི་ཚེས་1ཉིན་སྤེལ་འགོ་བརྩམས་པ་དང་། མཛོད་དགེ་རྫོང་གི་རྐང་རྩེད་སྤོ་ལོ་རུ་ཁག་གིས་སེམས་ཤུགས་གཅིག་ཏུ་སྒྲིལ་ནས་འགྲན་རིམ་གང་མང་བརྒྱུད་ཨང་དང་པོ་གཉིས་པའི་རྒྱལ་ཕམ་རྩོད་པའི་རྟིང་རྩོད་འགྲན་བསྡུར་དུ་ཞུགས།

དེ་སྔོན་གྱི་ཚོ་ཆུང་འགྲན་བསྡུར་ཁྲོད་མཛོད་དགེ་རྫོང་རྐང་རྩེད་སྤོ་ལོ་རུ་ཁག་གིས་སྔ་རྗེས་སུ་ཁྲོ་ཆུ་རྫོང་དང་ཝུན་ཁྲོན་སློབ་འབྲིང་། རྔ་བ་རྫོང་བཅས་ཀྱི་འགྲན་ཞུགས་རུ་ཁག་དང་སྤོ་ལོ་རྒྱག་རྩལ་འགྲན། འགྲན་བསྡུར་ཁྲོད་རུ་མི་ཡོངས་ཀྱིས་རང་ངོས་ཀྱི་རྩལ་ནུས་ངོམ་ནས་རུ་ཁག་གི་སྟོབས་ཤུགས་ལེགས་པོ་མངོན་ཏེ། རྗེས་སོའི་འགྲན་བསྡུར་ལ་ཡིད་ཆེས་སྦྱིན་ནས་ཉམས་མྱོང་བསགས།

སྤྱི་ཟླ་12པའི་ཚེས་4ཉིན། ཀུན་གྱིས་དོ་ཁུར་ཡོད་པའི“བཞི་ལས་གཉིས་ལེན”བླང་དོར་འགྲན་བསྡུར་ཁྲོད། མཛོད་དགེ་རྫོང་གི་རྐང་རྩེད་སྤོ་ལོ་རུ་ཁག་གིས་རྩལ་ནུས་སྟོབས་པའི་ཝུན་ཁྲོན་རྫོང་རུ་ཁག་དང་འགྲན་བསྡུར་བྱས། འགྲན་བསྡུར་གྱི་བརྒྱུད་རིམ་ཁྲོད། སྤོ་ལོ་རུ་ཁག་ལ་མི་གཅིག་ཉུང་བའི་གནས་ཚུལ་འོག རུ་ཁག་ཡོངས་ཀྱི་བློ་སྟོབས་བརྟན་པོ་དང་རྩལ་ནུས་ཅི་ལེགས་བཏོན་ནས། འགྲན་ཡ་དང་2:2ཡི་གྲུབ་འབྲས་བླངས་པར་མཐའ་མའི་སྤོ་ལོ་ཁེར་རྒྱག་ཁྲོད་རྒྱལ་ཁ་བླངས་ནས་རྟིང་རྩོད་འགྲན་བསྡུར་གྱི་འགྲན་རིམ་དུ་ཚུད།

གོམ་སྟབས་རྗེས་མར་མཛོད་དགེ་རྫོང་རྐང་རྩེད་སྤོ་ལོ་རུ་ཁག་གིས་སྙིང་སྟོབས་ཆེན་པོ་བསྐྱེད་དེ་རྟིང་རྩོད་འགྲན་བསྡུར་ཁྲོད་གཡུར་ཟའི་གྲུབ་འབྲས་ཐོབ་པར་འབད་པ་ཧུར་ལེན་བྱ་ངེས་རེད།༼འཕྲིན་སྤེལ་བ། བཀྲ་ཤིས་ལྷ་མོ།༽