མཛོད་དགེ་རྫོང་གིས་འཛམ་གླིང་གི་ཨེ་འགོག་ཉིན་མོ་38པའི་དྲིལ་བསྒྲགས་བྱེད་སྒོ་སྤེལ།

来源:藏地阳光网
发布时间:2025/07/28

སྤྱི་ཚོགས་ཡོངས་ཨེ་ནད་འགོག་བཅོས་ཀྱི་ལས་སྒོར་ཞུགས་ནས་ཨེ་འགོག་ནུས་པ་དང་འདུ་ཤེས་ལེགས་པོ་བསྐྱེད་ཆེད། སྤྱི་ཟླ་12པའི་ཚེས་1ཉིན། མཛོད་དགེ་རྫོང་འཕྲོད་བསྟེན་བདེ་ཐང་ཅུས་ཀྱིས་འབྲེལ་ཡོད་སྡེ་ཁག་སྒྲིག་འཛུགས་བྱས་ནས་བྱང་སྐྱོད་ཐང་ཆེན་དུ“སྤྱི་ཚོགས་གཞུང་ནས་བཅོས་སྐྱོང་དང་དྲང་ཚིགས་གསར་གཏོད་ཀྱིས་ཨེ་ཙིའི་ནད་དུག་འཇོམ་པའི”བརྗོད་དོན་དྲིལ་བསྒྲགས་བྱེད་སྒོ་སྤེལ།

ཨེ་ཙིའི་ནད་ནི་HIVནད་དུག་ལས་བསྐྱེད་པའི་འགོས་ནད་ཤིག་ཡིན་ལ། དེ་ཡང་གཙོ་བོ་འཁྲིག་སྦྱོར་དང་ཁྲག་རྒྱུ་བ། མ་བུ་བརྒྱུད་མཆེད་པ་ཡིན། མཉམ་དུ་ཟ་མ་ཟ་བ་དང་ལག་འཇུ་བྱེད་པ། འབུས་ཟོ་བཏབ་པར་བརྟེན་ནས་འགོས་མི་སྲིད། རྫོང་རིམས་འགོག་ལྟེ་གནས་ཀྱི་ལས་དོན་མི་སྣས་རྒྱ་བོད་སྐད་གཉིས་ཀྱི་ལམ་ནས་རྒྱུན་ཤེས་གསལ་འགྲེལ་བྱས་ནས། རྒྱ་ཆེའི་སྡོད་དམངས་དང་ཞིང་འབྲོག་མང་ཚོགས་ལ་ཨེ་ཙིའི་ནད་ཀྱི་འབྲེལ་ཡོད་ཤེས་བྱར་ངོས་འཛིན་ལེགས་པོ་ཡོད་པར་བྱས། ཚང་མས་ཚེ་སྲོག་ལ་གཅེས་སྤྲས་བྱས་ཏེ། ཨེ་ཙི་ནད་པ་དང་འགོས་མཁན་ལ་ལྟ་སྟངས་ཡག་པོ་འཛིན་དགོས་པ་སྟེ། ཡང་དག་པའི་མི་ཚེ་ལྟ་བ་དང་རིན་ཐང་ལྟ་བ་བཙུགས་ནས། ཨེ་ཙིའི་ནད་འགོག་བཅོས་ཀྱི་འདུ་ཤེས་ཆེ་རུ་གཏོང་དགོས་པར་ཁྲིད་སྟོན་ལེགས་པོ་གནང་། མཛོད་དགེ་རྫོང་གི་ཨེ་ཙི་ནད་འགོག་བཅོས་ལས་དོན་བདེ་བླག་ངང་སྤེལ་བར་རྨང་གཞི་བརྟན་པོ་བཏིང་བས། རྒྱ་ཆེའི་མང་ཚོགས་ཀྱིས་གདེང་འཇོག་ལེགས་པོ་གནང་།

བྱེད་སྒོ་དེར་ཞུགས་པའི་ལས་ཁུངས་དང་ཡུལ་དངོས་ཀྱི་མང་ཚོགས་ཁྱོན་མི་ཐེངས་350ཡོད་ལ། བསྡོམས་པས་དྲིལ་བསྒྲགས་རྒྱུ་ཆ་450ལྷག་བཀྲམ། ཁུག་མ་200ལྷག་དང་སྨུག་སྒམ་200། འཁྲུ་ཁུག50། དེ་མིན་ལེགས་སྐྱེས་ཆུང་ཆུང་300། འཆར་ལྡན་བུ་བཙའི་མཁོ་ཆས་500ལྷག་བྱིན།༼འཕྲིན་སྤེལ་བ། བཀྲ་ཤིས་ལྷ་མོ།༽