༄༅།།རྒྱལ་སྟོན་དང་ཟླ་གོར།

མི་བུ་བརྒྱ་གཤར་སྟོང་གཤར། རླངས་འཁོར་ཁྲི་རྒྱུག་འབུམ་རྒྱུག འདི་གཅིག་པུའང་རོལ་མི་ཚར་བའི་ངོ་མཚར་གྱི་ལྟད་མོ་འབའ་ཞིག་གོ འཚང་ག་དང་ངལ་དུབ། ཆར་ཞོད་དང་བུ་ཡུག། མི་བུ་ཚོ་བྲེད་ཤ་ལངས་པའི་འགལ་རྐྱེན་དེ་དག། ཉི་མ་འདི་དག་གི་རིང་། ལྗོངས་རྒྱུ་བ་ཚོས་མཛེས་ལྗོངས་ཉིད་དུ་སྒོམ། ཁ་པར་དང་ཁ་པར་བརྒྱུད་ནས། པར་ལེན་པའི་གོམས་སྲོལ་དེ་ཡང་། ད་ནི་ཐད་གཏོང་ཁོ་ནར་བསྒྱུར། མི་ཉག་རྒྱུ་ལ་ཁྲ་མོ། རོང་བྲག་མཛེས་མའི་ལུང་པ། ཤར་སྟོད་བཞག་བྲ་ལྷ་རྩེ། ནགས་བྲན་གེ་སར་རྩྭ་ཐང་། བར་སྨད་གསེག་མའི་གླིང་ག ལྟོས་དང་། མི་ཡུལ་གྱི་དག་ཞིང་འབའ་ཞིག ལྗོངས་རྒྱུ་བ་གྲོག་ཚང་ཁ་ཕྱེས་པ་ལྟ་བུ། མགྲོན་པོ་རྟ་བསུ་བ། བསྲེག་ཟས་ཚོང་གཉེར་བ། མགྲོན་ཁང་དོན་སྒྲུབ་པ་སོགས། ཡུལ་མི་ཚོ་མགྲོན་པོ་སྣེ་ལེན་ལ་བྲེལ་ཞིང་། དགའ་བའི་འཛུམ་མདངས་དང་། སེམས་ཁོངས་གཏིང་གི་བདེ་སྐྱིད་དེ། ཁོ་རང་ཚོའི་ཞལ་རས་དེ་ན་མངོན་པར་གསལ། སོམས་དང་། གཞུང་གི་འཁོར་འཇོག་ས་ཚུགས་རིན་མེད་ཉིད་དུ་ལྗོངས་རྒྱུ་བ་ལ་ཅི་དགར་སྤྱོད་དུ་བཅུག འགྲིམ་འགྲུལ་ཉེན་རྟོག་པ་དག་ལམ་དུ་ཆས་ཏེ་མགྲོན་པོ་རྣམས་ལ་སྲི་ཞུ་སྒྲུབ། ཏང་སྲིད་འགོ་ཁྲིད་གཅིག་རྗེས་གཉིས་མཐུད་རིག་གནས་ཡུལ་སྐོར་བྱ་གཞག་ལྟ་སྐུལ་བྱེད་དུ་བསྐྱོད།། ཕྱོགས་བཞིའི་ལྗོངས་རྒྱུ་བ་དག་དགའ་མགུ་ཡི་རང་བཀའ་དྲིན་ཆེ་ཞེས་མཐེ་བོང་གྱེན་དུ་བསྒྲེངས།། དུས་ཆེན་ལྷན་འཛོམ་གྱི་སྐབས། མི་བུ་འཚིང་ག་ཤིག་ཤིག བདེ་སྐྱིད་དགོད་སྒྲ་ལྷིང་ལྷིང་། ཡོང་འབབ་ཚ་རླབས་འཕྱུར་འཕྱུར། མཐུན་སྒྲིལ་འོ་ཆུ་འདྲེས་འདྲེས།
