མཛོད་དགེ་རྫོང་གིས་རྒྱལ་སྟོན་དུས་ཆེན་གྱི་རིང་ལ་རིག་གནས་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་བཏང་ནས་ཕན་འབྲས་ལེགས་པོ་ཐོབ།

རྒྱལ་སྟོན་དུས་ཆེན་སྐབས་ལ་མཛོད་དགེ་རྫོང་གིས་རྩྭ་ཐང་སྐྱེ་ཁམས་ཀྱི་མཛེས་ཉམས་དང་གསར་བརྗེའི་རིག་གནས་ཀྱི་དྲན་འཆར། ཐུན་མོང་དཔལ་འབྱོར་གྱི་ལས་རྣམ་མཉམ་འདྲེས་འཕེལ་རྒྱས་བཏང་ནས། མགྲོན་པོ་མང་ལ་ཕན་འབྲས་ལེགས་པའི་རིག་གནས་ཡུལ་སྐོར་གྱི་རྒྱུགས་ལན་སྤྲད། ཟླ་10པའི་ཚེས་8ཉིན་བར་རྫོང་ཡོངས་ཀྱི་ཡུལ་སྐོར་ཁྲོམ་ར་འཁོར་སྐྱོད་བྱས་ནས། སྤྱི་ཚོགས་ཀྱི་ཕན་འབྲས་དང་དཔལ་འབྱོར་གྱི་ཕན་འབྲས་དུས་མཉམ་དུ་མཐོ་རུ་ཕྱིན་པ་མངོན་འགྱུར་བྱུང་།
དམར་དམག་རྒྱང་སྐྱོད་ཀྱི་ལོ་རྒྱུས་ཁྲོད“རྩྭ་ཐང་ཕྲད་གཅོད”ལྟེ་ཁུལ་ཡིན་པའི་ངོས་ནས། མཛོད་དགེའི་གསར་བརྗེའི་ཡུལ་སྐོར་རྒྱལ་སྟོན་དུས་ཆེན་སྐབས་ལ་དར་སྲོལ་གསར་པ་རུ་གྱུར། སྐྱེ་ཁམས་ལྗོངས་རྒྱུ་དང“འཁོར་སྒུལ་གཉིས”ཀྱི་རྣམ་པ་ཆགས་ཡོད། དཔལ་སྐྱིད་གྲོས་ཚོགས་ཀྱི་རྗེས་ཤུལ་དང་པད་ཡུལ་སྡེ་བའི་རྒྱལ་ཁའི་སྐྱ་རེངས་དྲན་གསོའི་རྡོ་རིང་སོགས་གསར་བརྗེའི་ས་རྟགས་ལ་ལྟ་སྐོར་གྱི་ཚ་རླབས་འཕྱུར། ཡུལ་སྐོར་བ་རྣམས་ཀྱིས་རིག་དངོས་ལ་མཇལ་ནས་རྒྱལ་སྟོད་ཀྱི་གཏམ་རྒྱུད་ལ་ཉན། “དབྱང་དབུགས་དཀོན་ཡང་བརྩེ་ཞེན་མི་འགྱུར་བའི”རྒྱལ་གཅེས་སྙིང་སྟོབས་ལ་དངོས་སུ་ཉམས་ལེན་བྱས།
ལུའུ་ཀྲོའུ་ཡུལ་སྐོར་བས་བཤད་རྒྱུར། རྒྱལ་སྟོན་དུས་ཆེན་འདིར་ང་ཚོས་ཆེད་དུ་གསར་བརྗེའི་རིག་གནས་ལ་དམིགས་ནས་མཛོད་དགེ་ལ་ཐོན་པ་ཡིན། ངེད་ཁྱིམ་ཚང་གང་པོ། ཁྱད་པར་དུ་བྱིས་པ་གསར་བརྗེའི་རིག་གནས་ལ་སྤྲོ་བ་ཆེན་པོ་ཡོད། ང་ཚོས་སྔོན་ནས་མཛོད་དགེ་ནི་རླབས་ཆེན་གྱི་རྒྱང་སྐྱོད་ཁྲོད་ཇུས་ཆོད་ཀྱི་རྒྱལ་ཁ་བསུ་བའི་གནས་གལ་ཆེན་ཞིག་ཡིན་པ་རྒྱུས་ལོན་བྱུང་། གནས་འདིར་འབྱོར་རྗེས། ས་གནས་ཀྱི་ཡུལ་སྐོར་སྒྲིག་བཀོད་ལེགས་ལ་ཉམས་ལེན་ལེགས་པོ་བསྐྱེད་ཐུབ་ཅེས་བཤད།
རིག་གནས་ཡུལ་སྐོར་གྱི་ཚ་རླབས་འཕྱུར་བ་དེས་མཛོད་དགེ་རྫོང་གི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་ལ་སྒུལ་ཤུགས་གསར་པ་བསྩལ། རྫོང་ཁུལ་གྱི་མཐའ་འཁོར་དང་ལམ་རྒྱུད་ཀྱི་ཁྱིམ་གཞིས་མགྲོན་ཁང་གིས་བོད་ཀྱི་ལུགས་གསར་མཛེས་རིག་དང་ཆ་ཚང་བའི་སྒྲིག་བཀོད་ལ་བརྟེན་ནས་འགྲུལ་པ་མང་པོའི་ཡིད་ཀྱི་དང་བ་དྲངས།
རྒྱུས་ལོན་པ་ལྟར་ན། རྒྱལ་སྟོན་དུས་ཆེན་སྐབས་ལ་མཛོད་དགེ་རྫོང་གི་རིག་གནས་ཡུལ་སྐོར་ཁྲོམ་རས་སྔོན་གྱི་ཟིན་ཐོ་བརྒལ། རྫོང་ཡོངས་ཀྱིས་བསྡོམས་པས་ཡུལ་སྐོར་བ་མི་ཐེངས་27388སྣེ་ལེན་བྱས་པ་དང་། ཡུལ་སྐོར་ཡོང་འབབ་སྒོར་ཁྲི་1643.28བླངས། རྫོང་ཡོངས་ཀྱི་འགག་གནས་གཙོ་བོའི་ས་མཚམས་ལས་བརྒལ་བའི་རླངས་འཁོར་ཐེངས་16427དང་མཚན་འགྲུལ་བྱེད་མཁན་མི་ཐེངས་1736ཟིན། མཛེས་ལྗོངས་ཆེ་གྲས་ཁག་གིས་ཐད་གཏོང་བརྒྱུད་ཡུལ་སྐོར་བའི་ཉམས་ལེན་གྱི་ཚོར་སྣང་ཆེ་རུ་བཏང་ནས། “མཛོད་དགེ་མཐོང་བ་ཀུན་སྨོན”གྱི་སྤུས་རྟགས་ཀྱི་དགེ་མཚན་ལེགས་པར་མངོན་ཏེ། “རིག་གནས་ཡུལ་སྐོར་གྱིས་ཐུན་མོང་དཔལ་འབྱོར་ལ་མཐུན་སྦྱོར”གྱི་འཕེལ་རྒྱས་ཐབས་ལམ་ལག་བསྟར་བྱེད་འཐུས་རང་བཞིན་ར་སྤྲོད་ལེགས་པོ་བྱས།
