མཛོད་དགེ་རྫོང་འཕྲོད་བསྟེན་བདེ་ཐང་ཅུས་ཀྱིས་ཟླ་མཆོད་དང་རྒྱལ་སྟོན་དུས་ཆེན་ལ་འཚམས་འདྲིའི་བྱེད་སྒོ་སྤེལ།

རྒྱལ་སྟོན་དུས་ཆེན་དང་ཟླ་མཆོད་དུས་སྟོན་གྱི་སྐབས་ལ་གཞི་རིམ་གྱི་སྨན་བཅོས་མི་སྣར་ཐུགས་ཁུར་དང་གུས་འདུད་ཞུ་ཆེད། མཛོད་དགེ་རྫོང་འཕྲོད་བསྟེན་བདེ་ཐང་ཅུས་དང་རྫོང་སྨན་བཅོས་ཐུན་མོང་སྒྲིག་གཞིའི་ལས་རེས་བས་འཚམས་འདྲིའི་ཚོ་ཆུང་3བཙུགས་ནས། སྨན་བཅོས་ལས་ཁུང་ཁག་ཏུ“དུས་ཆེན་གཉིས་ལ་རྟེན་འབྲེལ་ཞུ་བ་དང་སྨན་བཅོས་མི་སྣར་ཐུགས་ཁུར་གནང་བའི”འཚམས་འདྲིའི་བྱེད་སྒོ་སྤེལ། དུས་ཆེན་གྱི་རིང་ལ་ལས་གནས་བརྟན་སྲུང་གནང་བའི་སྨན་བཅོས་མི་སྣར་བཀྲ་ཤིས་རྟེན་འབྲེལ་དང་ལྷག་བསམ་ཟོལ་མེད་ཀྱི་ཐུགས་ཁུར་གནང་།

འཚམས་འདྲི་ཚོ་ཆུང་སྔ་རྗེས་སུ་རྫོང་སྨན་བཅོས་ཐུན་མོང་སྤྱི་ཁྱབ་སྨན་ཁང་དང་རྫོང་བོད་སྨན་ཡན་ལག་སྨན་ཁང་། རྫོང་མི་དམངས་ཡན་ལག་སྨན་ཁང་། དཔལ་སྐྱིད་གྲོང་རྡལ་ཡན་ལག་སྨན་ཁང་། ཐང་སྐོར་གྲོང་རྡལ་ཡན་ལག་སྨན་ཁང་བཅས་ཀྱི་སྒོ་བསྟེན་ཁང་དང་ནད་ཁང་། མྱུར་བརྟག་ཁང་སོགས་སྨན་བཅོས་སྡེ་ཁག་ཏུ་ཕྱིན་ནས། དུས་ཆེན་རིང་གི་ལས་རེས་དང་ནད་བརྟག སྨན་བཅོས་ཞབས་ཞུ། རྒྱབ་ཕྱོགས་མཁོ་སྒྲུབ་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་ཞིབ་ཕྲ་བྱས། ཁོ་ཚོའི་ལས་ཀ་དང་འཚོ་བའི་གནས་ཚུལ་ཞིབ་འདྲི་བྱས་ཏེ། མཐོ་སྒང་ནས་རྐང་ཚུགས་ཏེ་རང་ནུས་ཡོད་རྒུས་མང་ཚོགས་ཀྱི་བདེ་ཐང་ལ་འགན་སྲུང་བྱེད་པའི་སྙིང་སྟོབས་ལ་བསྔགས་བརྗོད་དང་ཐུགས་རྗེ་ཆེ་ཞུས།
འཚམས་འདྲི་གནང་བའི་རིང་ལ་ལས་དོན་མི་སྣས་ལས་རེས་སྨན་པར་སྟབས་བདེ་ཐུག་པ་དང་འོ་ཟ་སོགས་མཐོ་སྒང་གི་ཁྱད་ལྡན་ལེགས་སྐྱེས་བྱིན། བསྡོམས་པས་སྨན་བཅོས་མི་སྣ་228ལ་འཚམས་འདྲིའི་དངོས་ཟོག་154བྱིན་ནས་དྲོད་ཁོལ་གྱིས་ཁེངས་པའི་དུས་ཆེན་གྱི་རྣམ་པ་བསྐྲུན།
འཚམས་འདྲི་བྱེད་སྒོ་དེས་གཞི་རིམ་གྱི་སྨན་བཅོས་མི་སྣའི་སེམས་པ་གསོས་པ་མ་ཟད། འཕྲོད་བསྟེན་མ་ལག་གི་སེམས་ཤུགས་གཅིག་ཏུ་སྒྲིལ། རྒྱ་ཆེའི་སྨན་བཅོས་ལས་དོན་པར་རྩ་འཛུགས་ཀྱི་ཐུགས་ཁུར་དང་དྲོ་སྐྱིད་ཟབ་མོ་ཚོར་དུ་བཅུག ཁོ་ཚོས་མུ་མཐུད་དུ་སྤྲོ་སེམས་ཆེན་པོས་ལས་ཀར་ཞུགས་ཏེ། མཐོ་སྒང་ས་ཁུལ་གྱི་མང་ཚོགས་ཀྱི་ཚེ་སྲོག་བདེ་ཐང་ལ་འགན་ལེན་བྱ་ཆེད། སྦྱོར་བ་དངོས་ཀྱིས་ཏང་གི་ལས་འགན་དང་འགྲན་སློང་དང་དུ་ལེན་རྒྱུ་ཡིན་ཞེས་བཤད།
