ཀྲུང་གོ་མི་དམངས་ཀྱི་ལྗར་འགོག་དམག་འཁྲུག་དང་འཛམ་གླིང་གིས་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་80འཁོར་བར་དྲན་གསོ་ཞུ་བའི་སྣེ་ལེན་ཚོགས་འདུ་པེ་ཅིང་དུ་གཟབ་རྒྱས་ངང་འཚོགས་པ་དང་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་།

来源:甘孜日报
发布时间:2025/06/16

ཀྲུང་གོ་མི་དམངས་ཀྱི་ལྗར་འགོག་དམག་འཁྲུག་དང་འཛམ་གླིང་གིས་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་80འཁོར་བར་དྲན་གསོ་ཞུ་བའི་སྣེ་ལེན་ཚོགས་འདུ་པེ་ཅིང་དུ་གཟབ་རྒྱས་ངང་འཚོགས་ཡོད།

ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་ནས། དྲང་བདེན་ལ་འཛིན་པའི་དད་སེམས་ནི་གཡོ་འགུལ་གཏོང་ཐབས་མེད་པ་ཞིག་དང་། ཞི་བདེར་བཅངས་པའི་རེ་འདུན་ནི་ འགོག་ཐབས་མེད་པ་ཞིག མི་དམངས་ཀྱི་སྟོབས་ཤུགས་ནི་ཕམ་ཉེས་སུ་གཏོང་ཐབས་མེད་པ་ཞིག་རེད། ག་དུས་ཡིན་རུང་ང་ཚོས་མིའི་རིགས་ཡོངས་ཀྱི་ཐུན་མོང་རིན་ཐང་དར་སྤེལ་གཏོང་བ་དང་། རྒྱལ་སྤྱིའི་གཞུང་དྲང་དང་དྲང་བདེན་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་ཏེ། འཛམ་གླིང་ལ་དྲང་ནུས་ཀྱིས་ཁེངས་པར་བྱེད་དགོས་པ་དང་། ཚང་མས་ཞི་བའི་སྒོ་ནས་གོང་འཕེལ་གཏོང་བའི་འགྲོ་ལམ་ཐོག་བསྐྱོད་རྒྱུ་རྒྱུན་འཁྱོངས་དང་། འཛམ་གླིང་གི་ཞི་བདེ་ལྷིང་འཇགས་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་ནས། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་མཉམ་དུ་བསྐྲུན་དགོས་པ་དང་། ཚང་མས་མི་དམངས་ཀྱི་བསམ་འདུན་སེམས་ལ་འཇོག་པ་དང་། གནམ་འོག་གི་ཕན་བདེ་དོན་དུ་གཉེར་བྱར་བརྩིས་ནས། མི་དམངས་ཀྱི་ཕན་བདེ་ཆེ་རུ་གཏོང་ཆེད་འབད་འཐབ་ལྷོད་མེད་བྱེད་དགོས་ཞེས་ནན་སྟོན་གནང་ཡོད།

ལི་ཆང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་། ཀྲའོ་ལེ་ཅི་དང་ཝང་ཧུའུ་ཉིང་། ཚའེ་ཆི། ཏིང་ཞུའེ་ཞང་། ལི་ཞི། ཧན་ཀྲེང་བཅས་ཚོགས་འདུར་ཞུགས་ཡོད།

ཀྲུང་གོ་མི་དམངས་ཀྱི་ལྗར་འགོག་དམག་འཁྲུག་དང་འཛམ་གླིང་གིས་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་80འཁོར་བར་དྲན་གསོ་ཞུ་བའི་སྣེ་ལེན་ཚོགས་འདུ་ཚེས་3ཉིན་མི་དམངས་ཚོགས་ཁང་ཆེན་མོར་གཟབ་རྒྱས་ངང་འཚོགས་ཡོད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་སྣེ་ལེན་ཚོགས་འདུར་ཞུགས་པ་མ་ཟད་གསུང་བཤད་གལ་ཆེན་གནང་ནས། དྲང་བདེན་ལ་འཛིན་པའི་དད་སེམས་ནི་གཡོ་འགུལ་གཏོང་ཐབས་མེད་པ་ཞིག་དང་། ཞི་བདེར་བཅངས་པའི་རེ་འདུན་ནི་འགོག་ཐབས་མེད་པ་ཞིག མི་དམངས་ཀྱི་སྟོབས་ཤུགས་ནི་ཕམ་ཉེས་སུ་གཏོང་ཐབས་མེད་པ་ཞིག་རེད། ག་དུས་ཡིན་རུང་ང་ཚོས་མིའི་རིགས་ཡོངས་ཀྱི་ཐུན་མོང་རིན་ཐང་དར་སྤེལ་གཏོང་བ་དང་། རྒྱལ་སྤྱིའི་གཞུང་དྲང་དང་དྲང་བདེན་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་ཏེ། འཛམ་གླིང་ལ་དྲང་ནུས་ཀྱིས་ཁེངས་པར་བྱེད་དགོས་པ་དང་། ཚང་མས་ཞི་བའི་སྒོ་ནས་གོང་འཕེལ་གཏོང་བའི་འགྲོ་ལམ་ཐོག་བསྐྱོད་རྒྱུ་རྒྱུན་འཁྱོངས་དང་། འཛམ་གླིང་གི་ཞི་བདེ་ལྷིང་འཇགས་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་ནས། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་མཉམ་དུ་བསྐྲུན་དགོས་པ་དང་། ཚང་མས་མི་དམངས་ཀྱི་བསམ་འདུན་སེམས་ལ་འཇོག་པ་དང་། གནམ་འོག་གི་ཕན་བདེ་དོན་དུ་གཉེར་བྱར་བརྩིས་ནས། མི་དམངས་ཀྱི་ཕན་བདེ་ཆེ་རུ་གཏོང་ཆེད་འབད་འཐབ་ལྷོད་མེད་བྱེད་དགོས་ཞེས་ནན་སྟོན་གནང་ཡོད།

ལི་ཆང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་། ཀྲའོ་ལེ་ཅི་དང་ཝང་ཧུའུ་ཉིང་། ཚའེ་ཆི། ཏིང་ཞུའེ་ཞང་། ལི་ཞི། ཧན་ཀྲེང་བཅས་ཚོགས་འདུར་ཞུགས་ཡོད།

སྔ་དྲོའི་ཆུ་ཚོད་11དང་སྐར་མ་30ཙམ་ལ། 《ཞི་བདེ་སྟེ། ལས་དབང་གཅིག་མཐུན་ཚོགས་པ》ཞེས་པའི་རོལ་དབྱངས་ཁྲོད། ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་སྣེ་ལེན་ཚོགས་འདུར་ཞུགས་མཁན་ཕྱི་རྒྱལ་གྱི་འགོ་ཁྲིད་པ་དང་ལྷན་དུ་གསོལ་སྟོན་ཚོམས་ཆེན་དུ་ཕེབས་པ་དང་། ཚོགས་ར་ཡོངས་སུ་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲ་གྲགས་ཡོད།

སྣེ་ལེན་ཚོགས་འདུ་འགོ་ཚུགས་པ་དང་། ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་ཡོད། ཁོང་གིས་ཐོག་མར་ཀྲུང་གོའི་སྲིད་གཞུང་དང་ཀྲུང་གོའི་མི་དམངས་ཀྱི་ཚབ་ཞུས་ནས་ཚང་མར་ལྷག་བསམ་དག་པའི་དགའ་བསུ་ཞུས་གནང་བ་དང་། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་དང་འཛམ་གླིང་རྒྱལ་ཁབ་ཁག་གི་མི་དམངས་ལ་རྒྱལ་ཁ་ཐོབ་པའི་དྲན་གསོའི་ཉིན་མོ་དེར་སྤྲོ་སེམས་འཁོལ་པོས་རྟེན་འབྲེལ་ཞུས་གནང་ཡོད།

ཞི་ཅིན་ཕིང་གིས། ལོ་ངོ་80ཡི་གོང་། ཀྲུང་གོའི་མི་དམངས་ཀྱིས་ལོ་14རིང་ཁྲག་འདོན་དམར་འཛིང་བྱས་པ་བརྒྱུད། ལྗར་པན་བཙན་རྒྱལ་རིང་ལུགས་ཀྱི་བཙན་འཛུལ་པ་ཐལ་བའི་རྡུལ་དུ་བརླགས་པ་དང་། འཛམ་གླིང་གིས་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཁྱོན་ཡོངས་ནས་ཐོབ་པ་ཁྱབ་བསྒྲགས་བྱས་ཡོད། དེ་ནི་ཀྲུང་ཧྭ་མི་རིགས་དེ་ཉིད་ཉེ་རབས་ཚུན་ཉམས་ཉེན་ཚབས་ཆེན་ནང་ལྷུངས་བ་ནས་བསྐྱར་དར་རླབས་པོ་ཆེའི་ཕྱོགས་སུ་སྐྱོད་པའི་ལོ་རྒྱུས་ཀྱི་ཁ་ཕྱོགས་སྒྱུར་མཚམས་ཞིག་ཡིན་ལ། འཛམ་གླིང་གོང་འཕེལ་གྱི་ཁ་ཕྱོགས་སྒྱུར་མཚམས་གལ་ཆེན་ཞིག་ཀྱང་ཡིན། རྒྱལ་ཁ་རླབས་པོ་ཆེ་དེ་ནི་ཀྲུང་གོའི་མི་དམངས་ཀྱིས་ཧྥ་ཤི་སིར་ངོ་རྒོལ་བྱེད་མཁན་མནའ་མཐུན་རྒྱལ་ཁབ་དང་དེ་བཞིན་རྒྱལ་ཁབ་ཁག་གི་མི་དམངས་དང་མཉམ་དུ་དཔུང་པ་མཉམ་གཤིབ་ཀྱིས་འཐབ་འཛིང་བྱས་པ་ལས་བྱུང་བ་ཞིག་རེད། ཀྲུང་གོའི་མི་དམངས་ཀྱིས་བཙན་འཛུལ་ལ་འགོག་རྒོལ་བྱེད་པར་རྒྱབ་སྐྱོར་དང་རོགས་རམ་གནང་མཁན་ཕྱི་རྒྱལ་གྱི་སྲིད་གཞུང་དང་རྒྱལ་སྤྱིའི་མཛའ་གྲོགས་མི་སྣ་དག་ཀྲུང་གོའི་སྲིད་གཞུང་དང་ཀྲུང་གོའི་མི་དམངས་ཀྱིས་དུས་ནམ་ཡང་བརྗེད་མི་སྲིད་ཅེས་བསྟན་འདུག

ཞི་ཅིན་ཕིང་གིས། སྐབས་ཤིག་རིང་གི་དྲག་ཞན་ནི་སྟོབས་ཤུགས་ཆེ་ཆུང་ལ་རག་ལས་ཡོད་པ་དང་། ཡུན་རིང་གི་རྒྱལ་ཕམ་ནི་བདེན་དོན་ལ་ཐུག་ཡོད། དྲང་བདེན་དང་། འོད་སྣང་། ཡར་རྒྱས་བཅས་ཀྱིས་སྡུག་རྩུབ་དང་། མུན་ནག ངོ་ལོག་བཅས་ལས་རྣམ་པར་རྒྱལ་ངེས་རེད། མིའི་རིགས་སྐར་མའི་གོ་ལ་གཅིག་གི་ཐོག་འཚོ་གནས་བྱེད་བཞིན་ཡོད་པས། ཕྱར་བ་གྲུ་འདེགས་དང་། འཆམ་མཐུན་མཉམ་གནས་བྱེད་དགོས་པ་ལས། སྟོབས་ཆེན་གྱིས་ཉམས་ཞན་ལ་བརྙས་བཅོས་བྱེད་པའི་ནགས་ཁྲོད་སྒྲིག་སྲོལ་ལྟ་བུར་ཕྱིར་ལོག་བྱེད་མི་རུང་ཞེས་ནན་སྟོན་གནང་ཡོད།

ཞི་ཅིན་ཕིང་གིས། ཀྲུང་གོའི་རྣམ་པའི་དེང་རབས་ཅན་ནི་ཞི་བདེ་གོང་འཕེལ་འགྲོ་ལམ་ཐོག་སྐྱོད་པའི་དེང་རབས་ཅན་ཡིན་པ་དང་། ཀྲུང་གོ་ནི་དུས་ནམ་ཡང་འཛམ་གླིང་གི་ཞི་བདེའི་སྟོབས་ཤུགས་དང་། བརྟན་ལྷིང་གི་སྟོབས་ཤུགས། ཡར་རྒྱས་ཀྱི་སྟོབས་ཤུགས་བཅས་ཡིན། ང་ཚོས་རྒྱལ་ཁབ་ཁག་གིས་ལོ་རྒྱུས་མེ་ལོང་དུ་འཛིན་པ་དང་། འཆམ་མཐུན་གཙིགས་ཆེར་བཟུང་ནས། འཛམ་གླིང་དེང་རབས་ཅན་ལ་མཉམ་དུ་སྐུལ་འདེད་གཏོང་བ་དང་། མིའི་རིགས་ཀྱི་དེ་བས་མཛེས་སྡུག་ལྡན་པའི་མ་འོངས་གཏོད་རྒྱུའི་རེ་བ་སྙིང་དབུས་ནས་བྱེད་ཀྱི་ཡོད་ཅེས་བསྟན་གནང་ཡོད།

དགའ་སྤྲོའི་དབྱངས་རྟའི་ཁྲོད། ཞི་ཅིན་ཕིང་གིས་ཀྲུང་ཕྱིའི་སྐུ་མགྲོན་དང་ལྷན་དུ་ཞལ་དཀར་བཏེགས་ནས། ཀྲུང་གོ་མི་དམངས་ཀྱི་ལྗར་འགོག་དམག་འཁྲུག་དང་འཛམ་གླིང་གིས་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་80འཁོར་བར་མཉམ་དུ་རྟེན་འབྲེལ་ཞུས་གནང་བ་དང་། འཛམ་གླིང་ཞི་བདེ་ཡོང་བའི་སྨོན་འདུན་བཟང་པོ་ཞུས་གནང་ཡོད།

སྣེ་ལེན་ཚོགས་འདུའི་ཐོག ཞི་ཅིན་ཕིང་དང་ཕེང་ལི་ཡོན་གྱིས་སྐུ་མགྲོན་ཚོ་དང་ལྷན་དུ་《ལོ་རྒྱུས་མེ་ལོང་དུ་འཛིན་པ་དང་། མ་འོངས་མཉམ་དུ་གཏོད》ཅེས་པའི་རིག་རྩལ་འཁྲབ་སྟོན་ལ་གཟིགས་གནང་ཡོད།

ཀྲུང་གོར་ཀྲུང་གོ་མི་དམངས་ཀྱི་ལྗར་འགོག་དམག་འཁྲུག་དང་འཛམ་གླིང་གིས་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་80འཁོར་བར་དྲན་གསོ་ཞུ་བའི་བྱེད་སྒོར་ཞུགས་པར་ཕེབས་པའི་ཕྱི་རྒྱལ་གྱི་འགོ་ཁྲིད་མི་སྣ་དང་འབྲེལ་ཡོད་རྒྱལ་ཁབ་ཀྱི་མཐོ་རིམ་འཐུས་མི། རྒྱལ་སྤྱིའི་སྒྲིག་འཛུགས་ཀྱི་འགན་ཁུར་བ། དེ་སྔའི་སྲིད་དོན་མི་སྣ། རྒྱལ་ཁབ་ཁག་གི་ཀྲུང་གོར་བཅའ་སྡོད་གཞུང་ཚབ་ཕོ་ཉ། དྲག་དཔོན་དང་ཀྲུང་གོར་བཅའ་སྡོད་རྒྱལ་སྤྱིའི་སྒྲིག་འཛུགས་ཀྱི་འཐུས་མི། ཀྲུང་གོའི་ལྗར་འགོག་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ཆེད་ལེགས་སྐྱེས་འབུལ་མཁན་རྒྱལ་སྤྱིའི་མཛའ་གྲོགས་མི་སྣའམ་ཁོང་ཚོའི་མི་རྒྱུད་ཀྱི་འཐུས་མི་བཅས་སྣེ་ལེན་ཚོགས་འདུར་ཞུགས་ཡོད།

སྣེ་ལེན་ཚོགས་འདུར་ཞུགས་མཁན་གྲས་སུ་ད་དུང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། རྒྱལ་ཡོངས་སྲིད་གྲོས། ཀྲུང་དབྱང་དམག་ཨུད་བཅས་ཀྱི་འབྲེལ་ཡོད་འགོ་ཁྲིད་བློ་མཐུན། ཤང་ཀང་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དཔོན། ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དཔོན་བཅས་ཡོད་པ་རེད།

ཀྲུང་དབྱང་ཏང་སྲིད་དམག་དམངས་ཀྱི་འབྲེལ་ཡོད་ཚན་པ་དང་པེ་ཅིང་གྲོང་ཁྱེར་གྱི་འགན་ཁུར་བློ་མཐུན་གཙོ་བོ། ལྗར་འགོག་ནང་ཞུགས་མྱོང་བའི་དམག་མི་རྒན་གྲས། བློ་མཐུན་རྒན་གྲས། ལྗར་འགོག་སྔོན་གཤེགས་དཔའ་བོའི་ཁྱིམ་མིའི་འཐུས་མི། གོ་མིན་ཏང་གི་ལྗར་འགོག་དམག་མི་རྒན་གྲས་ཀྱི་འཐུས་མི། རྒྱལ་ཁབ་ཕྱི་ནང་གི་རྒྱལ་གཅེས་མི་སྣ། སྐུ་འདས་ཟིན་པའི་ལྗར་འགོག་དམག་དཔོན་གྱི་ཁྱིམ་མིའི་འཐུས་མི། དམངས་གཙོ་ཏང་ཤོག་ཁག་གི་ཀྲུང་དབྱང་། རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་འགན་ཁུར་མི་སྣ་གཙོ་བོ་དང་ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣའི་འཐུས་མི། བྱས་རྗེས་མཚན་སྙན་ཐོབ་མཁན་གྱི་འཐུས་མི། ཤང་ཀང་དང་ཨའོ་མོན་ཐའེ་ཝན་བཅས་ཀྱི་སྤུན་ཟླ། ཕྱིར་སྡོད་སྤུན་ཟླའི་འཐུས་མི་སོགས་ཀྱང་སྣེ་ལེན་ཚོགས་འདུར་ཞུགས་ཡོད།