འབའ་ཐང་ཆུ་ཤུགས་གློག་ཁང་ནས་གློག་གཏོང་འགོ་ཚུགས་པ།

来源:藏地阳光网
发布时间:2025/05/26

འདི་ནི་འབའ་ཐང་ཆུ་ཤུགས་གློག་ཁང་ནས་གློག་གཏོང་བཞིན་པ།

ཉེ་ཆར། ཀྲུང་གོ་ཧྭ་གློག་འབྲི་ཆུའི་སྟོད་རྒྱུད་ཀྱི་འབའ་ཐང་ཆུ་ཤུགས་གློག་ཁང་གི་འཕྲུལ་ཚན་གསུམ་པ་ཆུ་ཚོད་72རིང་ཚོད་ལྟ་འཁོར་སྐྱོད་བྱས་པ་བརྒྱུད། གློག་དྲ་སྦྲེལ་ནས་འབའ་ཐང་ཆུ་ཤུགས་གློག་ཁང་གི་འཕྲུལ་ཙུའུ་ཆ་ཚང་ནས་གློག་དངོས་སུ་གཏོང་འགོ་ཚུགས་ཡོད།

འབའ་ཐང་ཆུ་ཤུགས་གློག་ཁང་ནི་རྒྱལ་ཁབ་ཀྱི“ལོ་ལྔ་ཚན་བཅུ་བཞི་པའི”གཙོ་གནད་འཛུགས་སྐྲུན་གྱི་འབྲི་ཆུའི་སྟོད་རྒྱུད་ཀྱི་ནུས་རྒྱུ་གཙང་མའི་རྟེན་གཞིའི་གྲུབ་ཆ་གལ་ཆེན་ཞིག་རེད་ལ། འཛམ་གླིང་གི་ས་བབ་མཐོ་ཤོས་ཀྱི་མཐོ་གནོན་ཐད་རྒྱུག་གློག་འདྲེན་ལས་གྲྭ་སྟེ། འབྲི་ཆུའི་སྟོད་རྒྱུད་ནས་ཧུའུ་པེ་བར་གྱི་ཆན་ཧྥུའུ་±800ཡི་མཐོ་གནོན་ཐད་རྒྱུག་གློག་འདྲེན་ལས་གྲྭའི་འདེགས་སྐྱོར་སྙོམས་སྒྲིག་གློག་ཁུངས་ཀྱང་རེད།