ཧུང་ཡོན་རྫོང་གིས་ལྗོངས་རྒྱུའི་བསྟི་གནས·ཨ་ལུང་ལམ་ཞེས་པའི་འགོ་ཚུགས་མཛད་སྒོ་སྤེལ།

来源:藏地阳光网
发布时间:2025/05/26

ཀྲུང་གོ་ས་མཐོའི་སྒེར་འཁོར་སྒར་ས་དང་པོ་ཞེས་པའི་སྤུས་རྟགས་རྒྱུན་མཐུད་ངང་བཏོད་པ་དང་། ཧུང་ཡོན་ཡུལ་སྐོར་གྱི་IPསྟེ་ལྗོངས་རྒྱུའི་བསྟི་གནས·ཨ་ལུང་ལམ་ཞེས་པ་སྤུས་ཚད་མཐོན་པོའི་སྒོ་ནས་སྐུལ་འདེད་གཏོང་ཆེད། སྤྱི་ཟླ་7ཚེས་16ཉིན་གྱི་སྔ་དྲོར། སྒེར་འཁོར་བཏང་ནས་ཀྲུང་གོར་བསྐྱོད་དེ་ཧུང་ཡོན་གྱི་མཛེས་སྡུག་ཉམས་སུ་མྱོང་ཞེས་དང་། ལྗོངས་རྒྱུའི་བསྟི་གནས·ཨ་ལུང་ལམ་ཞེས་པའི་འགོ་ཚུགས་མཛད་སྒོ་ཧུང་ཡོན་རྫོང་ཟླ་ཚེས་ཁུག་པ་ནས་སྤེལ།

མཛད་སྒོར་ཀྲུང་གོའི་ཡུལ་སྐོར་ལས་དོན་མཐུན་ཚོགས་ཀྱི་འཐུས་མི་དང་། ཞིང་ཆེན་དང་གྲོང་ཁྱེར་ཁག་གི་སྒེར་འཁོར་གཏོང་བའི་མཐུན་ཚོགས་ཀྱི་ཚོགས་གཙོ། གཞུང་ལམ་ཡུལ་སྐོར་སྤྲོ་འཛོམས་ཁང་གི་འགན་ཁུར་བ། ཕྱི་རོལ་ལུས་རྩལ་ཚོགས་པའི་འགན་འཛིན་པ། རིག་གནས་ཡུལ་སྐོར་དྲིལ་སྒྲོག་པ། སྨྱན་སྦྱོར་གྱི་འཐུས་མི་སོགས་ཧུང་ཡོན་དུ་འཛོམས་ནས་སྐྱེ་ཁམས་ཀྱི་མཛེས་པ་དང་། རིག་གནས་མྱོང་རོལ། རྩྭ་ཐང་གི་འཚོ་བ་བཅས་མཉམ་འདྲེས་བྱེད་པའི་སྒེར་འཁོར་གཏོང་བའི་བྱེད་སྒོ་དངོས་སུ་འགོ་བརྩམས།

ཤེས་རྟོགས་བྱུང་བ་ལྟར་ན། ཐེངས་འདིར་སྤེལ་བའི་ལྗོངས་རྒྱུའི་བསྟི་གནས·ཨ་ལུང་ལམ་ཞེས་པ་ནི་ཧུང་ཡོན་གྱིས་ཁུལ་རིམ་པའི་སྒྱུ་འཕྲུལ་གཞུང་ལམ་སྤུས་རྟགས་ཀྱི་འབོད་སྐུལ་དང་ལེན་ཞུས་པའི་ལག་ལེན་ཅིག་ཡིན་པ་དང་། ལམ་ཐིག་དེ་ལྷོ་རུ་ཨ་མོས་ཡུལ་ཚོ་ནས་བྱང་དུ་ལུང་ཟི་གྲོང་རྡལ་བར་ཡིན་ལ། རིང་ཚད་ཧྲིལ་པོར་སྤྱི་ལེ་107ཡོད་པ་དང་། ཆ་སྙོམས་ས་བབ་མཐོ་ཚད་སྨི་3500ཡིན། ལམ་རྒྱུད་དུ་རྩྭ་ཐང་དང་། གངས་རི། ན་འདམ། མཚེའུ་བཅས་གདོད་མའི་སྣོད་བཅུད་ཀྱི་མཛེས་པ་ལོངས་སུ་སྤྱོད་ཐུབ་པའི་ས་མཐོའི་སྒེར་འཁོར་གཏོང་བའི་ལམ་ཐིག་ཁྱད་པར་ཞིག་ཡིན་པ་རེད།

དེ་མིན་ད་ཐེངས་ཀྱི་བྱེད་སྒོ་ནི་རིག་གནས་ཡུལ་སྐོར་དང་འགྲིམ་འགྲུལ་ཟུང་དུ་འབྲེལ་ཞིང་སྤུས་རྟགས་དང་ཐོན་ལས་ཟུང་དུ་འབྲེལ་བའི་མཉམ་འདྲེས་དཔེ་སྟོན་ཞིག་ཡིན་པ་དང་། དེའི་དམིགས་ཡུལ་ནི་ལྗོངས་རྒྱུའི་བསྟི་གནས·ཨ་ལུང་ལམ་ཞེས་པ་དེ་གསར་དར་གྱི་ས་མཐོའི་ཡུལ་སྐོར་གཞུང་ལམ་IPལ་འགྱུར་རྒྱུར་སྐུལ་འདེད་གཏོང་རྒྱུ་དེ་ཡིན་པ་རེད།